|
|
གཞས་དང་གླུ་གར།སློབ་གྲྭའི་ནང་གཞས་དང་གླུ་གར་གྱི་སློབ་ཚན་ངོ་སྤྲོད་བྱེད་པའི་དམིགས་ཡུལ།
གོང་སྨྲོས་དམིགས་ཡུལ་རྣམས་སྒྲུབ་པའི་ཐབས་ལམ། ཀ༽ སྔ་འདྲོའི་འདུ་འཛོམས། སྔ་འདྲོའི་འདུ་འཛོམས་ནམ་ཡིན་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང། སློབ་གྲྭའི་གཞས། བདེ་སྐྱིད་གསར་སྐྱོང། སྤུན་ཟླ་ཆིག་སྒྲིལ། མི་མང་ལངས་གླུ། དམངས་གཙོ་གསར་བཞད། དྲུག་ཅུ་དབྱངས་ལྡན། སུམ་བཅུའི་དྲན་གླུ། ནོར་ཝིལ་གཟེངས་རྟགས་བསྟོད་དབྱངས། རྒྱ་གར་རྒྱལ་གླུ་སོགས་དུས་རིམ་བཞིན་རོལ་དབྱངས་བསྐྲོལ་གྱི་ཡོད། ཁ༽ སློབ་གྲྭ་གྲོལ་རྗེས། སློབ་མ་རྣམས་ལ་བོད་ཀྱི་རོལ་ཆ་དང་འཁྲབ་གཞས་འཛིན་གྲྭའི་ཚོགས་ཐེངས་གཅིག་པུས་མི་འདང་བས་དུས་རྟག་ཏུ་སློབ་གྲྭ་གྲོལ་རྗེས་དམིགས་གསལ་གྱི་སྦྱོང་བརྡར་བྱེད་ཀྱི་ཡོད། གཙུག་ལག་ཁང་དུ་གཞུང་གི་མཛད་སྒོའི་ཆེད་འཁྲབ་གཞས་སློབ་རྒྱུ་དང་སྦྱོང་བརྡར་བྱེད་ཀྱི་ཡོད། ག༽ ཁང་ཚན་གཞས་སྣའི་འགྲན་བསྡུར། ལོ་ལྟར་སྤྱི་ཟླ་དྲུག་པའི་ནང་ཁང་ཚན་བཞིའི་དབར་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་བྱེད་ཀྱི་ཡོད་། ཟླ་བ་དེའི་རིང་ལ་བོད་གཞུང་ཟློས་གར་གྱི་དགེ་རྒན་སློབ་གྲྭར་ཆེད་དུ་ཕེབས་ནས་སློབ་མར་རྐང་བྲོ་གླུ་གཞས་སློབ་སྟོན་གནང་གི་ཡོད། ང༽ ལྷ་མོ་འཁྲབ་སྟོན་གཟིགས་འབུལ། བོད་ཀྱི་ལྷ་མོ་འཁྲབ་སྟོན་ནི་དོན་སྙིང་ལྡན་པའི་རིག་གཞུང་ཕུལ་དུ་བྱུང་བ་ཞིག་ཡིན་པས་ལོ་ལྟར་ཞོ་སྟོན་སྐབས་ཟློས་གར་དུ་ལྷ་མོ་གཟིགས་འབུལ་དུ་ཆེད་གཏོང་གནང་གི་ཡོད།
|
![]() |




