ཤེས་བྱ་ཀུན་བཏུས། | སྐད་ཡིག | རྒྱལ་རབ། | ནང་བསྟན། | ཡུལ་ལྗོངས། | ཡུལ་སྲོལ། | རིག་དངོས། | གླུ་གར། | སྒྲུང་གཏམ། | རྩམ་ཆོས། | ཕབ་ལེན། | ཡིག་གཟུགས་འཕབ་ལེན།

སློབ་གྲྭའི་ལོ་རྒྱུས།

བཀུར་འོས་གཅེན་མོ་བོད་དུ་འཚམས་གཟིགས་ཕེབས་སྐབས། བོད་དུ་རྒྱ་མིའི་སྲིད་གཞུང་འོག་འཚར་ལོགས་བྱེད་བཞིན་པའི་བོད་ཕྲུག་རྣམས་ལ་སློབ་སྦྱོང་གི་གོ་སྐབས་དབེན་ཞིང་ཉམ་ངའི་གནས་སུ་གྱུར་པ་མངོན་སུམ་མཐོང་ཆོས་གྱུར་རྐྱེན། བོད་ནས་རྒྱ་གར་དུ་འབྱོར་བཞིན་པའི་བོད་ཕྲུག་རྣམས་ལ་སྡོད་ཁྱིམ་དང་ཤེས་ཡོན་གྱི་གོ་སྐབས་དགོས་གལ་ཆེན་པོར་གཞིགས་ཏེ། ཕྱིས་དེ་དག་གི་སླད་དུ་སྐུའི་གཅེན་མོས་ཤེས་ཡོན་གྱི་ལྟེ་གནས་སློབ་གྲྭ་གང་མང་ཆེད་འཛུགས་གནང་འབྲས་ཀྱི་ཆ་ཤས་སུ་དྷ་ཤོང་བོད་ཁྱིམ་སློ་གྲྭ་འདི་ཉིད་འཛུགས་གནང་མཛད་པ་ལགས།

ཕྱི་ལོ་ ༡༩༨༠ ལོར་བོད་ནས་གསར་དུ་འབྱོར་བའི་བོད་ཕྲུག་གྔས་འབོར་མང་པོ་བྱུར་རྐྱེན་བོད་ཁྱིམ་སློབ་གྲྭ་ཨ་མའི་ནང་དུ་བོད་ནས་འབྱོར་བའི་སློབ་ཕྲུག་གྲངས་འབོར་མང་དྲགས་པའི་གནོན་ཤུགས་ཀྱི་དཀའ་ངལ་སེལ་ཐབས་དང། སློབ་ཕྲུག་རྣམས་ལ་སྡོད་གནས་དང་ཤེས་ཡོན་གྱི་གོ་སྐབས་འཐུས་ཚང་བསྐྲུན་ཕྱིར་སློབ་གྺ་ཟུར་དུ་དགོས་རྒྱུ་གལ་ཆེ་མཐོང།

བཙན་བྱོལ་བོད་པའི་སློབ་གྲྭའི་ནང་དུ་བོད་ཕྲུག་ཡོངས་རྫོགས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་སྤྲོད་པའི་སློབ་ཁག་ཉུང་དྲགས་ཏེ། བོད་ཕྲུག་རྣམས་བོད་པའི་ཆོས་རིག་ཡུལ་གོམས་གང་ཡང་མེད་སའི་རྒྱ་གར་སློབ་གྲྭའི་ནང་དུ་འཛུལ་ཞུགས་མི་ལེན་ཐབས་མེད་དུ་གྲཡུར་ཉེན་ཡོད་པ་དང། རང་གི་ཕ་མེས་ནས་བརྒྱུད་པའི་གོམས་གཤིས་དང་བོད་པའི་ངོ་བོ་བརླག་རྒྱུའི་དངོས་འབྲེལ་དཀའ་ངལ་བཟློག་སླད་ཕྱི་ལོ་ ༡༩༨༤ ལོར་སློབ་གྲྭ་འདི་ཉིད་གསར་དུ་བཙུགས་པ་ཞིག་ཡིན།

དྷ་ཤོད་སློབ་སྤྱིའི་ལས་ཐོག་

  1. རྒན་ཚེ་དབང་མི་འགྱུར་ཁང་གསར། ༼༡༩༨༤།༥།༡༥ ནས་ ༡༩༩༠།༧།༣༡༽
  2. རྒན་བསྟན་འཛིན་བཟང་པོ། ༼༡༩༩༠།༨།༡ ནས་ ༡༩༩༤།༧།༣༡༽
  3. རྒན་བསོད་ནམས་སྒྲོལ་དཀར། ༼༡༩༩༤།༨།༡ ནས་ ༢༠༠༢།༨།༢༢༽
  4. རྒན་དབང་འདུས། ༼༢༠༠༢།༨།༢༣ ནས་ ༢༠༠༥།༢།༡༦༽
  5. རྒན་ཆོས་དབྱིངས་དོན་གྲུབ། ༼༢༠༠༥།༢།༡༧ ནས་་་་་་་་་་་་་་༽

དྷ་ཤོད་གལ་ཆེའི་ལས་ཐོག་

  1. རྒན་བསོད་ནམས་སྒྲོལ་དཀར།༼ ༡༩༨༤།༥།༡༥ ནས་ ༡༩༩༤།༧།༣༡༽
  2. རྒན་ཕུན་ཚོགས་བདུགས་དཀར་ཚང། ༼༡༩༩༤།༨།༡ ནས་ ༡༩༩༧།༧།༣༡ ༽
  3. རྒན་ཚེ་རིང་སྒྲོལ་མ། ༼ ༡༩༩༧།༨།༡ ནས་ ༡༩༩༩།༢།༢༨ ༽
  4. རྒན་དབང་ཕྱུག ༼ ༡༩༩༩།༣།༡ ནས་ ༢༠༠༢།༨།༢༢ ༽
  5. རྒན་རྣམ་གྲོལ་བཀྲིས། ༼༢༠༠༢།༨།༢༣ ནས་ ༢༠༠༥།༢།༡༦༽
  6. རྒན་ཚུལ་ཁྲིམས་སྐལ་བཟང། ༼༢༠༠༥།༢།༡༧ ནས་་་་་་་་་་་་་་༽