ཤེས་བྱ་ཀུན་བཏུས། | སྐད་ཡིག | རྒྱལ་རབ། | ནང་བསྟན། | ཡུལ་ལྗོངས། | ཡུལ་སྲོལ། | རིག་དངོས། | གླུ་གར། | སྒྲུང་གཏམ། | རྩམ་ཆོས། | ཕབ་ལེན། | ཡིག་གཟུགས་འཕབ་ལེན།

སློབ་གྲྭའི་མཐུན་རྐྱེན།

རོལ་དབྱངས་ལ་དགའ་ཞེན་དང་མ་འོངས་གཞོན་སྐྱེས་སྒྱུ་རྩལ་མཁས་པ་གང་མང་ཐོན་པའི་མཆེད་བོད་དང་ཕྱི་ལུགས་ཀྱི་རོལ་དབྱངས་འདྲ་མིན་སྦྱང་རྒྱུའི་ཐུན་རྐྱེན་ཆ་ཚང་བསྐྲུན་ཡོད་།

སློབ་མ་དང་ལས་བྱེད་རྣམས་ལ་དྲ་རྒྱའི་ཐུན་རྐྱེན།

ཉིན་ལྟར་སློབ་གྲྭ་གྲོལ་རྗེས་ཆུ་ཚོད་གཅིག་དང། རེས་གཟའ་ཉི་མ། དེ་བཞིན་དགུང་གསེང་སྐབས་སློབ་ཕྲུག་དང་ལས་བྱེད་རྣམས་ལ་དྲ་རྒྱ་བེད་སྤྱོད་བྱེད་རྒྱུ་ཡོད།

སློབ་གྲྭའི་ཟ་ཁང་དང་ཚོང་ཁང།

བར་གསེང་དང་འཛིན་གྲྭ་གྲོལ་རྗེས་སློབ་མ་ཚོར་ཟ་ཁང་ནང་ཐུགས་པ་དང་ཞོག་ཁོག་རྔོས་མ་བག་ལེབ་དང་སྣུམ་བཀྲག་བག་ལེབ་དེ་བཞིན་ཆུ་མངར་མོ་སོགས་མཐུང་ཆའི་རིགས་ཚོང་རྒྱུ་ཡོད།

རོལ་ཆའི་འཛིན་གྲྭ་འཕར་མ།

འཛིན་གྲྭ་གྲོལ་རྗེས་སྲོལ་རྒྱུན་གྱི་རོལ་ཆ་སྦྱོང་རྒྱུ་ཡོད། སློབ་མ་མི་ཉུང་བ་ཞིག་དུས་རྟག་ཏུ་སྦྱོང་བསྡར་དུ་ཡོང་བ་དང་རོལ་ཆའི་རྒན་ལགས་ནས་ཀྱང་ཐུགས་འཁུར་ཆེ་བཞེས་ཐོག་སློབ་མ་ཚོར་སློབ་སྟོན་གནང་གི་ཡོད།

འཛིན་ཁང་དང་ཉལ་ཁང་གསར་པ།

ལོ་སྔོན་ནས་འཆར་གཞི་ལྡན་པའི་ཐོག་སློབ་མ་ཆུང་བའི་འཛིན་ཁང་གསར་བརྒྱག་ཐུབ་པ་མ་ཟད་། ཁྱིམ་ཚང་དྲུག་ཀྱང་བརྒྱབ་ཐུབ་པ་བྱུང་ཡོད། ད་ལྟ་མུ་མཐུད་དེ་སློབ་གྲྭ་རྒན་པའི་འཛིན་ཁང་གསར་བརྒྱག་གི་ལས་གཞི་འགྲོ་བཞིན་པ་ཡིན།