|
|
ཀམ་པུ་ཊར་སློབ་ཚན།ལར་ང་ཚོའི་སློབ་ཕྲུག་རྣམས་ཀྱང་འཕྲུལ་ཆས་ཀྱི་དུས་རབས་འདིའི་ལྷན་དུ་འཚར་ལོགས་བྱེད་བཞིན་ཡོད་ན་ཀམ་པུ་ཊར་སློབ་སྦྱོང་ནི་འབྲལ་དུ་མེད་པའི་མི་ཚེའི་ཆ་ཤས་སུ་གྱུར་སྟབས། ཕྱི་ལོ་ ༡༩༩༨ ལོར་ཐོག་མར་འཛིན་གྲྭ་དྲུག་པ་ནས་བཅུ་པའི་བར་སློབ་ཕྲུག་རྣམས་ལ་གཞའ་འཁོར་གཅིག་ནང་ཀམ་པུ་ཊར་ཚོགས་ཐེངས་རེ་མ་གཏོགས་ཞུས་ཐུབ་མེད། འོན་ཀྱང་ཕྱི་ལོ་ ༢༠༠༤ ནས་འཛིན་རིམ་གསུམ་པ་ཡན་གྱི་སློབ་ཕྲུག་རྣམས་ལའང་ཀམ་པུ་ཊར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བསྐྲུན་པ་མ་ཟད་འཛིན་གྲྭའི་ཚོགས་ཐེངས་དུས་སྐབས་དགེ་རྒན་གཉིས་ཀྱིས་ལྟ་རྟོག་འོག་སློབ་ཕྲུག་རེར་ཀམ་པུ་ཊར་རེ་བེད་སྤྱད་བྱ་རྒྱུའི་མཐུན་རྐྱེན་ཕུལ་ཐུབ་པ་བྱུང་ཡོད། འཛིན་གྲྭ་བཅུ་པའི་སློབ་ཚན། འཛིན་གྲྭ་དགུ་པ་དང་བཅུ་པའི་སློབ་ཚན་ཁག་ནི་རྒྱ་གར་དབུས་གཞུང་ཤེས་ཡོན་སྡེ་ཚན་གྱི་སློབ་ཚན་གྱི་འཆར་བཀོད་དང་ལམ་སྟོན་ལྟར་སློབ་ཁྲིད་བྱེད་ཀྱི་ཡོད་ལ་ཡིག་རྒྱུགས་ཀྱང་སྤྲོད་དགོས། |
![]() |
