|
|
སློབ་གྲྭའི་བྱེད་སྒོ་རྣམ་བཞགརི་མོ་ནི་འཛིན་གྲྭའི་ནང་འཁྲིད་བྱའི་སློབ་ཚན་གཞན་དང་མི་འདྲ་བར་སློབ་མ་ཚོས་རང་རང་གི་དཀར་གཙང་གི་ཤོག་བུ་སྟེང་མཚོན་ཁྲ་སྣ་ཚོགས་སྤྱད་དེ་སྤྲོ་སྣང་ལྡན་པའི་དུས་ཚོད་བཏང་རྒྱུའི་གོ་སྐབས་ཤིག་ཡིན། རི་མོ་མཁས་ཅན་ཡག་པོ་ཞིག་ཆགས་པར་གསར་གཏོད་ཀྱི་རིག་པ་དང་འཆར་སྣང་གི་རྟོགས་ཚད་ངེས་པར་དགོས། དེ་གཉིས་ཀྱི་རྒྱུད་སློབ་མ་རྣམས་ལ་ཆུང་དུས་ནས་བསམ་བློ་ནན་ཏན་བཏང་ཐུབ་དང་བློ་ཡུལ་དུ་འཆར་བའི་སྣང་བ་གསར་པ་དག་ཤོག་ཐོག་ཏུ་དངོས་སུ་འཕབ་ཐུབ་པའི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་མིའི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་སྤྱི་ཚོགས་ཀྱི་འབྱུར་རིམ་ཡུལ་སྲོལ་གོམས་གཤིས་སོགས་རི་མོའི་ལམ་ནས་མཚོན་པ་བྱེད་ཡོད། མདོར་བསྡུས་ན་རི་མོ་ནི་མིའི་རིགས་ཀྱི་བསམ་པ་དང་འཆར་སྣང་གི་སློབ་ཚན་ཞིག་ཡིན།
|
![]() |
