ཤེས་བྱ་ཀུན་བཏུས། | སྐད་ཡིག | རྒྱལ་རབ། | ནང་བསྟན། | ཡུལ་ལྗོངས། | ཡུལ་སྲོལ། | རིག་དངོས། | གླུ་གར། | སྒྲུང་གཏམ། | རྩམ་ཆོས། | ཕབ་ལེན། | ཡིག་གཟུགས་འཕབ་ལེན།

སློབ་འཇུག་བྱེད་སྟངས།

དྷ་ཤོད་བོད་ཁྱིམ་སློབ་མིའི་གྲངས་ཚད་ཟུར་བཀོད། དྲི་བ། དྷ་ཤོད་སློབ་གྲྭར་སློབ་འཇུག་ཇི་ལྟར་བྱེད་དགོས་སམ།
བོད་ཁྱིམ་གྱི་ངོ་བོ་གཙོ་བོ་ནི་དྭ་ཕྲུག་དང་ཕྱེད་ད་ཕྲུག་གི་ཕྲུ་གུར་སློབ་སྦྱོང་གི་ཐུན་རྒྱུར་བསྐྲུན་རྒྱུ་དང་བོད་པའི་སློབ་གྲྭའི་ནང་བཞུགས་མ་ཐུབ་རྣམས་ལ་སློབ་འཇུག་བྱེད་རྒྱུའི་ཆེད་དུའང་ཡིན་། དཔལ་འབྱོར་རང་སྐྱ་འཕེར་བའི་ཕ་མ་སོ་སོས་ཀྱང་སློབ་ཡོན་ཕུལ་ཐུབ་པ་རྣམས་ལའང་དྷ་ཤོད་བོད་ཁྱིམ་ནང་སློབ་འཇུག་བྱེད་ན་འགྲིག སློབ་འཇུག་གི་གྲངས་ཚད་ནི་སློབ་མའི་ས་མིག་སྟོང་པ་ཡོད་མེད་ལ་ཚོད་འཛིན་གྱིས་ཐག་གཅོད་བྱེད་ཀྱི་ཡོད། སློབ་འཇུག་གི་འགྲོ་ལུགས་ནི།

  1. ཐོག་མར་བོད་ཁྱིམ་ཨ་མའི་ཡིག་ཚང་ནས་ཞུས་པའི་སློབ་འཇུག་གི་འགེངས་ཤོག་བཀངས་དགོས། སློབ་འཇུག་གི་འགེངས་ཤོག་ལོ་ལྟར་སྤྱི་ཟླ་ ༩ ནང་གནང་གི་ཡོད།
  2. སྤྱི་ཟླ་དགུ་པ་ནས་བཅུ་གཅིག་བར་བོད་ཁྱིམ་སློབ་འཇུག་སྡེ་ཚན་ལ་སློབ་འཇུག་གི་འགེངས་ཤོག་ཇི་བྱུང་དང་དབྱེ་ཞིབ་བྱེད་ཀྱི་ཡོད།
  3. སྤྱི་ཟླ་དང་པོའི་ནང་སློབ་མ་འདམ་ཐོན་ཇི་བྱུང་དང་སློབ་འཇུག་བྱེད་མི་ཐུབ་རྣམས་ལ་ཡིག་འབྲེལ་གནང་རྒྱུ།
  4. སློབ་མའི་སློབ་ཡིན་ཟླ་བ་ ༡༢ བྱས་ཏེ་རྩིས་ཀྱི་ཡོད།

ཕ་མས་སློབ་ཡོན་གནང་མཁན་གྱི་སློབ་མ་རྣམས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་སྦྱོང་ཐུན་རྐྱེན་བསྐྲུན་པ་ལས་དེ་རྗེས་ཀྱི་མཐོ་སློབ་སོགས་ཀྱི་སློབ་ཡོན་ནི་ཕ་མ་རང་ཉིད་ཀྱི་འགན་ཆགས་ཡོད། སློབ་འཇུག་སྐོར་ད་དུང་གསལ་བཤད་ཡོང་རྒྱུར་ཁྱེད་ནས་དྲ་ཡིག་ཁ བྱང་ tcvho@vsnl.com རྒྱུད་འབྲེལ་བ་གནང་ན་འགྲིགས།

ཉི་མོའི་སློབ་ཕྲུག་སློབ་འཇུག་བྱེད་སྟངས།

  • ཉིན་མོའི་སློབ་ཕྲུག་གསར་འཇུག་བྱེད་པར་སློབ་གྲྭའི་ནང་ས་མིག་སྟོང་པ་ཡོད་མེད་ལ་མ་སྟོས་པར་འཛུལ་ཞུགས་བྱེད་ཆོག
  • ཉིན་མོའི་སློབ་ཕྲུག་གི་སློབ་ཡོན་གྱི་ཚད་གཞི་ལྟར་སློབ་ཡོན་ཕུལ་དགོས།
  • ཕ་མས་སློབ་ཡོན་གནང་མཁན་གྱི་སློབ་མ་རྣམས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་སྦྱོང་ཐུན་རྐྱེན་བསྐྲུན་པ་ལས་དེ་རྗེས་ཀྱི་མཐོ་སློབ་སོགས་ཀྱི་སློབ་ཡོན་ནི་ཕ་མ་རང་ཉིད་ཀྱི་འགན་ཆགས་ཀྱི་ཡོད།

དམིགས་བསལ་ཐུགས་སྣང་དགོས་རྒྱུ།

བོད་ཁྱིམ་ཤེས་ཡོན་ལམ་ལུགས་ལྟར་གལ་ཏེ་ཕྲུ་གུའི་རིག་པས་མ་ཅོག་པའམ་དེ་བཞིན་རྐྱེན་གཞན་རྒྱུད་སློབ་སྦྱོང་ཁུངས་སྐྱེལ་མ་ཐུབ་ན་བོད་ཁྱིམ་ཡན་ལག་ལག་ཤེས་སློབ་གཉེར་ཁང་ནང་འཛུལ་བཞུགས་ཀྱི་ལམ་སྟོན་གནང་གི་ཡོད། འོན་ཀྱང་ཕ་མས་ལག་ཤེས་སློབ་གཉེར་ཁང་དུ་གཏོང་མ་གཏོང་གི་ཐག་གཅོད་ཀྱི་དབང་ཆ་ཆ་ཚང་ཡོད།

 

smallkids