ཤེས་བྱ་ཀུན་བཏུས། | སྐད་ཡིག | རྒྱལ་རབ། | ནང་བསྟན། | ཡུལ་ལྗོངས། | ཡུལ་སྲོལ། | རིག་དངོས། | གླུ་གར། | སྒྲུང་གཏམ། | རྩམ་ཆོས། | ཕབ་ལེན། | ཡིག་གཟུགས་འཕབ་ལེན།

སློབ་གྲྭའི་བྱེད་སྒོ་རྣམ་བཞག

སློབ་མའི་ཤེས་ཡོན་སློབ་སྦྱོང་གལ་ཆེར་བཟུང་པ་བཞིན་རྩེད་རིགས་དང་། རི་མོ་ གཞས་སྣ་འཁྲབ་གཞས་ གློག་ཀླད་སློབ་ཚན་དེ་བཞིན་ཟུར་སྦྱོང་རིག་གནས། དཔེར་ན། ལྡུམ་རྭའི་ལག་རྩལ། བལ་སླས། དཔར་རྒྱག འཁོར་ཡུག རྐང་རྩེད་སྤོ་ལོ། བོད་ཡིག་གཏམ་བརྗོད། གསར་བཀོད་སོགས་སྦྱང་རྒྱུའི་གོ་སྐབས་སྐྲུན་ཡོད་པས་སློབ་མ་སོ་སོའི་འདོད་མོས་བཞིན་ཆ་ཤས་བླངས་ཀྱི་ཡོད། ལོ་ལྟར་ཤེས་རིག་དང་འབྲེལ་བའི་སློབ་གྲྭ་ནང་ཁུལ་དབར་རྩོམ་ཡིག་འགྲན་བསྡུར། རྐང་རྩེད་སྤོ་ལོའི་འགྲན་བསྡུར། རི་མོའི་འགྲན་བསྡུར། གཞས་སྣ་འཁྲབ་སྟོན་གྱི་འགྲན་བསྡུར། འགྲོས་གླེང་འགྲན་བསྡུར། གཏམ་བརྗོད་འགྲན་བསྡུར་སོགས་གོ་སྒྲིག་བྱེད་ཀྱི་ཡོད། ང་ཚའི་རེ་བ་ནི་སློབ་མ་ཚོས་ཐབས་ལམ་སྣ་ཚོགས་རྒྱུད་རང་ཉིད་ལ་ཤེས་བྱ་གསར་པ་ཐོབ་ཐུབ་པའི་ཆེད་ཡིན།

སློབ་མ་ཆུང་བའི་དགེ་རྒན་རྣམ་པས་རྩེད་རིག་སྣ་ཚོགས་རྒྱུད་སློབ་མ་ཆུང་བའི་སྡེ་ཚན་ནང་ཁུལ་དབར་གཞས་ཀྱི་འགྲན་བསྡུར་དང་། གཏམ་བརྗོད་ཐུང་ངུ་སོགས་ཚོགས་ཀྱི་ཡོད། རྩེད་རིག་ཐབས་ལམ་བེད་སྤྱད་པའི་རྒྱུད་སློབ་མ་ཆུང་བ་རྣམས་ཤེས་བྱའི་རྣམ་གྲངས་ཐ་དག་དགའ་སྣང་ལྡན་པའི་ངང་ལེན་ཐུབ་པའི་ཆེད་ཡིན།

གལ་ཏེ་སློབ་གྲྭའི་བྱེད་སྒོ་རྣམ་བཞག་དེ་དག་ཞིབ་ཕྲའི་ངང་ཤེས་འདོད་ན་གཤམ་གསལ་དྲ་མཐུད་དེ་དག་ལ་སྣོན་ན་འགྲིགས།

  1. གཞས་སྣ་འཁྲབ་སྟོན།
  2. གློག་ཀླད་སློབ་ཚན།
  3. རི་མོ།
  4. ལུས་རྩལ་དང་རྩེད་རིག
  5. ཟུར་སྦྱོང་རིག་གནས།

རྩེད་མོའི་ཚོགས་ཆུང་།

  • རྒན་ཚུལ་ཁྲིམས་སྐལ་བཟང་།
  • རྒན་ཚེ་རིང་རྡོ་རྗེ་ལགས།
  • ཁང་ཚན་རྒན་ལགས་རྣམས།
  • ཁང་ཚན་རྒན་བདག

རྩེད་མོའི་རིགས་གང་ཞིག་ལ་སློབ་མ་ཚོས་གཟེངས་སུ་མཐོན་པའི་གྲུབ་འབྲས་ཐོབ་མཁན་རྣམ་ལ་བྱ་དགའ་གསོལ་རས་གནང་རྒྱུ་དང་། བྱ་དགའི་རྔན་པ་གང་དང་ཇི་ལྟར་འཕུལ་མིན་གྱི་ཐག་གཅོད་ཆ་ཚང་རྩེད་མོའི་ཚོགས་ཆུང་གིས་གནང་མཆོག་གི་ཡོད།

ཟུར་སྦྱོང་རིག་གནས།

བོད་ཁྱིམ་སློབ་གྲྭའི་དམིགས་ཡུལ་གཞན་ཞིག་ནི་ཕྲུ་གུ་རང་ཉིད་ལ་ལག་རྩལ་དྲ་མིག་ཐོབ་རྒྱུ་དེ་ཡིན། སྤྱིར་ལག་རྩལ་ནི་སྐྱེ་བོ་རང་ཉིད་ཀྱི་རྣམ་སྤྱོད་ཀྱི་རྩལ་ལས་སྒྲུབ་པའི་ཤེས་བྱའི་ཆ་ཞིག་ཡིན་ལ། འཕྲལ་ཕུགས་གང་ལའང་མི་ཚེའི་ནང་དོན་སྙིང་ལྡན་པའི་ཆ་ཤས་ཞིག་ཡིན་ཕྱིར་སློབ་གྲྭའི་ནང་ཟུར་སྦྱོང་རིག་གནས་ཀྱི་རྣམ་གྲངས་མང་པོ་ཞིག་སྤེལ་བཞིན་འཆིས།

ཟུར་སྦྱོང་རིག་གནས་ཁག་ནི།

ལྡུམ་རྭའི་ལག་རྩལ། བལ་སླས།
དཔར་རྒྱག་དང་ལྟད་མོ་བཟུ་བསྐྲུན། འཁོར་ཡུག
རྐང་རྩེད་སྤོ་ལོ། བོད་ཡིག་གཏམ་བརྗོད།
གསར་བཀོད་ལས་རིག གློག་ཀླད་ཤེས་བྱ།
བོད་ཀྱི་རོལ་ཆ། དེང་དུས་རོལ་ཆ།
བོད་ཡིག་ཡིག་གཟུགས། དབྱིན་སྐད་སྦྱོང་བསྡར།
ཨ་ལད་པད་ཀོ་རྩེད་ཆས་བཟོ་སྟངས།