|
|
བོད་ཕྲུག་ཁྱིམ་སྡེའི་དགོས་དམིགས།བོད་ཕྲུག་ཁྱིམ་སྡེ་ནི། ངོ་བོ་ནི་ཆ་ཚང་ཆིག་སྒྲིལ་ཁེ་མེད་ཚོགས་པ་ཞིག་དང་དེའི་གཟིགས་སྐྱོང་འོག་ཡོད་པའི་བོད་ཕྲུག་རྣམས་པར་རང་རེའི་རིག་གཞུང་རྒྱུད་ལ་བརྟན་པོར་འཇགས་ཐབ་ས་ཐོག་ དེང་དུས་ཕྱི་ནང་ཤེས་ཡོན་ཚད་ལྡན་རྒྱུན་སྦྱོར་ངོས། རང་རྐྱ་འཕེར་ལ་སྤྱིར་འཛམ་གླིང་ཁྱོན་དང་། ཡང་སྒོས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་ཐུབ་པའི་བོད་མི་བཟང་པོ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་དེ་ཡིན། དམིགས་ཡུལ།
༢༽ བོད་མིའི་ངོ་བོ་དང་། རིག་གཞུང་གི་གོ་རྟོགས་བཟང་པོ་སྐྱེད་ཐབས། ༣༽ ཀུན་སྤྱོད་དང་། བཟང་སྤྱོད་ཀྱི་རིན་ཐང་སེམས་རྒྱུད་དུ་སྐྱེད་ཐབས། ༤༽ ནུས་པ་ལྡན་པའི་བོད་རང་ལུགས་དང་། དེང་རབས་ཤེས་ཡོན་མཁོ་སྤྲོད་བྱ་རྒྱུ། ༥༽ སློབ་གྲྭའི་ནང་སློབ་མ་དབུས་བཞག་གི་ཤེས་ཡོན་སྦྱོང་ཐབས་ཀྱི་ཁོར་ཡུག་མཁོ་སྤྲོད་བྱ་རྒྱུ། ༦༽ ལུས་སེམས་འཚར་ལོངས་ཡོང་བའི་ཁོར་ཡུག་མཁོ་སྤྲོད་བྱ་རྒྱུ། ༧༽ སྤྱི་ཚོགས་དང་། ཆབ་འབངས་རང་བཞིན་གྱི་འཇོན་ཐང་ལྡན་པ་ཡོང་རྒྱུར་ཆ་རྐྱེན་འོས་ཤིང་རན་ལ་ནུས་པ་ལྡན་པའི་མི་ཚེའི་ལམ་སྟོན་དང་འབྲེལ་བའི་གཅེས་སྐྱོང་བྱ་རྒྱུ། |
སློབ་གྲྭའི་ཉིན་དེབ།
ལོ་གཅིག་ཧྲིལ་པོའི་སློབ་གྲྭའི་བྱེད་སྒོ་ཁག་གི་ཞིབ་ཕྲའི་གནས་ཚུལ་དེབ་ཆུང་འདིར་བཀོད་ཡོད། དེས་ན་འབྲེལ་ཡོད་བཀུར་འོས་ཕ་མ་ལྷན་རྒྱས་རྣམ་པས་སློབ་གྲྭའི་བྱེད་སྒོ་དང། ལས་རིམ། དེ་བཞིན་གུང་སེང་ཁག་གི་ཞིག་ཕྲའི་གནས་ཚུལ་དེབ་ཆུང་འདིར་གཟིགས་གནང་ཡོང་བ་ཞུ། |
རྡ་ཤོད་བོད་ཁྱིམ་སློབ་གྲྭ་ནི་ཕྱི་ལོ་ ༡༩༨༤ ལོར་གསར་འཛུགས་བྱས་པའི་གཏན་སློབ་དང་ཉིན་སློབ་གཉིས་ཀས་སློབ་སྦྱོང་བྱེད་སའི་འབྲིང་རིམ་བར་མའི་སློབ་གྲྭ་ཞིག་ཡིན་ཞིང། སློབ་གྲྭ་འདི་ནང་མཐུན་མིན་བོད་ཀྱི་ཆོས་རིག་གོམས་གཤིས་སློབ་སྦྱོང་སྤྲད་པའི་ བརྒྱུད་བོད་མིའི་ངོ་བོ་སྲུང་སྐྱོབ་ཐུབ་ཙམ་མིན་པར་དེང་དུས་ཀྱི་རིག་པ་དང། ལྷག་པར་སློབ་ཕྲུག་གི་དགོས་མཁོ་དང་འཚམས་པའི་གཟུགས་པོ་དང་ཀླད་པ་དང་སེམས་ཀྱི་འཚར་ལོངས་ཐོག་ལ་མཐུན་འགྱུར་གཟིགས་རྟོག་བྱེད་བཞིན་ཡོད། དེ་བཞིན་སློབ་ཕྲུག་རྣམས་ཀྱི་རྒྱུད་ལ་རང་ལས་གཞན་གཅེས་པར་འཛིན་པའི་བསམ་སྤྱོད་ སྤེལ་ཏེ་མཉམ་མེད་ཤཱཀྱ་ཐུབ་པའི་བསླབ་བྱ་སློབ་སྟོན་ཞུ་རྒྱུའང་དམིགས་ཡུལ་ཆེན་པོ་ཞིག་ཡིན། འདི་ནས་སློབ་ཕྲུག་གི་ནུས་པ་དང་བསྟུན་ནས་སྒོ་གསུམ་གྱི་བསམ་སྤྱོད་ཡར་རྒྱས་འགྲོ་སླད་མཐུན་རྐྱེན་སྦྱར་བ་ཇི་བཞིན་མ་འོངས་པར་འདི་ནས་ཐོན་པའི་སློབ་ཕྲུག་ ཕོ་མོ་རྣམས་རང་ཁུར་རང་འདེགས་ཀྱི་རང་རྐྱ་འཕེར་ཞིང། བོད་པའི་སྤྱི་ཚོགས་སུ་ཞབས་འདེགས་ཞུས་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད།